དམ་ཆོས་སྐྱོང་བའི་འཕྲིན་ལས་ཀྱི་འཁོར་ལོར་དེ་རིང་རང་བཞུགས་ནས།

BDRCཡིས་འཛམ་གླིང་ནང་བསྟན་གསུང་རབ་རྣམས་སྲུང་སྐྱོབས་བྱེད་པའི་ལས་གཞི་ལ་སྡོང་གྲོགས་མཛད་རོགས།

ལོ་ངོ་ཉེར་བཞིའི་སྔོན་ལ། སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་གྱིས་ (E. Gene Smith) བོད་ཀྱི་ནང་བསྟན་དཔེ་ ཚོགས་ལྟེ་གནས་བཙུགས་ཤིང་། རྩིས་འཁོར་གྲངས་གནས་ཀྱི་ཐབས་ལམ་བརྒྱུད་ནང་བསྟན་གསུང་རབ་སྲུང་སྐྱོབས་དང་ འགྲེམས་སྤེལ་གནང་བ་ནས་བཟུང་འཛམ་གླིང་ཤར་ནུབ་ཀུན་ཏུ་ནང་བསྟན་གསུང་རབ་ཉར་ཚགས་བྱེད་པའི་ཚ་རླབས་འཕྱུར་བར་གྱུར། དེང་གི་ཆར་ཡང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་གྱི་མཛད་རྗེས་རྒྱུན་ འཛིན་དར་སྤེལ་ཞུས་ནས་འཛམ་གླིང་ཡོངས་ཀྱི་ནང་པའི་དད་ལྡན་པ་དང་ཉམས་ཞིབ་པ་སོགས་ལ་ལྡེབ་གྲངས་བྱེ་བ་ལས་འདས་པའི་གྲངས་འགྱུར་ཅན་གྱི་གསུང་རབ་རིན་མེད་དུ་སྤེལ་བཞིན་ཡོད།

 

འདི་ལྟའི་རིན་ཐང་གཞལ་མེད་ཀྱི་གསུང་རབ་རྣམས་ཀྱི་མ་འོངས་པའི་གནས་སྟངས་ཀྱི་ཆེད་དུ། གསུང་རབ་འདི་ཀུན་ལ་ གཙིགས་འཛིན་གཅེས་སྐྱོང་གི་རྒྱབ་སྐྱོར་གནང་མཁན་དང་གྲོགས་པོ་རྣམ་པ། དེ་བཞིན་ཀློག་པ་པོ་རྣམ་པ་བཅས་ང་ཚོ་མཉམ་ རུབ་ཀྱིས་འཛམ་གླིང་འདི་སྟེང་དུ་ནང་བསྟན་གསུང་རབ་འདི་རྣམས་སྲུང་སྒྲིག་སྤེལ་བའི་འཕྲིན་ལས་ལ་གཞོལ་རྒྱུ་ནི་འོས་འགན་ཞིག་ཏུ་ཅི་ནས་གྱུར་མེད་དམ་ལགས།

 

དེས་ན་སྐུ་ཉིད་ཀྱིས་དམ་ཆོས་སྐྱོང་བའི་འཕྲིན་ལས་ཀྱི་འཁོར་ལོ་ཏེ་གསོན་ཤུགས་ལྡན་པའི་ཞལ་འདེབས་ཀྱི་ཚོགས་པ་འདིར་བཞུགས་ནས། གསུང་རབ་འདི་རྣམས་དྲ་ཐོག་བཞག་ཤིང་ BDRC མུ་མཐུད་ཡར་རྒྱས་ཡོང་བར་ཐུགས་བསྐྱེད་གནང་ ཨེ་ཐུབ་ལགས། འདི་ནས་སམ་གཤམ་འོག་ནས་བཞུགས་ཆོག

 

དེ་ཡང་ཐབས་ལམ་འདི་བརྒྱུད་ནས། ཁྱེད་ཀྱིས་བླ་མ་དགེ་བའི་བཤེས་གཉེན་ནམ། ཡང་ན་བཙུན་པ་བཙུན་མ་ སོགས་དགེ་འདུན་པ། ལོ་ཙཱ་བ་དང་དཔེ་སྐྲུན་མཁན། ཉམས་ཞིབ་པ་དང་དོན་གཉེར་མཁན། དེ་བཞིན་འཛམ་ གླིང་ས་ཕྱོགས་ཀུན་ན་གནས་པའི་BDRCཡི་ཡིག་ཆར་བསྟེན་དགོས་པའི་སྐྱེ་བོ་སྣ་ཚོགས་ལ་རོགས་རམ་དོན་སྙིང་དང་ལྡན་པ་ཞིག་གནང་ཐུབ།

 

ཁྱེད་ལ་ཐུགས་རྗེ་ལེགས་གསོལ་ཞུ་ཆེད། ང་ཚོས་BDRCཡི་ངོ་མཚར་ཅན་གྱི་ཡིག་ཆ་མཚམས་སྦྱོར་སོགས་ རྩོམ་ཡིག་གི་དུས་ཐོག་ཆ་འཕྲིན་དང་། BDRCཡི་དཔེ་སྒྲིག་པ་དང་ཆེད་མཁས་པ་སོགས་ཀྱིས་གོ་སྒྲིག་ བྱས་པའི་དྲ་ཐོག་བགྲོ་གླེང་ཚོགས་འདུ་སོགས་ལ་གདན་ཞུ། དེ་བཞིན་༢༠༢༤ལོར་BDRCཡི་ལོ་འཁོར་ ༢༥ཡི་དྲན་གསོའི་མཛད་སྒོ་ལ་མཉམ་བཞུགས་གནང་རྒྱུའི་གོ་སྐབས་སོགས་ཕུལ་རྒྱུ་ཡིན།

མི་འགྱུར་རིན་པོ་ཆེས་འདི་ལྟར་གསུང་མྱོང་བ་ནི། "ང་ཚོས་སྐབས་རེ་སྒོམ་ཉམས་ལེན་བྱེད་པའི་སྐབས་ཤིག་ལའང་བློ་བུར ་དུ་རང་རང་གི་ཆོས་རྒྱུད་ཀྱི་དཔེ་ཆ་གལ་ཆེན་རེ་དགོས་པ་ཐུག་ཡོང་གི་ཡོད་དེ། འདི་འདྲའི་སྐབས་སུ་BDRCནི་དཔེ་ ཆ་འཚོལ་ས་ཨང་དང་པོ་དེ་རང་ཡིན་ཅིང་། དེ་ལས་རྟག་པར་ང་ཚོར་དགོས་པའི་དཔེ་དེ་ཏག་ཏག་རྙེད་ཡོང་གི་འདུག གལ་ཏེ་BDRCགི་རིན་བྲལ་དཔེ་མཛོད་འདི་ལྟ་བུ་ཞིག་མེད་ན་ང་ཚོར་དཀའ་ངལ་ཇི་ཙམ་ཞིག་ཐུག་གི་ཡོད་པ་ཚོད་ དཔག་བྱེད་བདེ་པོ་རེད།"

སྦྱིན་པ་ནི་ནང་ཆོས་ཉམས་ལེན་གྱི་གྲུབ་ཆ་གཙོ་བའི་གྲས་ཤིག་ཡིན་ཏེ། ཁྱེད་ཀྱིས་BDRCལ་དུས་ཚོད་གཏན་འཁེལ་གྱིས་ ཞལ་འདེབས་གནང་བ་ནི་སྦྱིན་པའི་ཉམས་ལེན་ཞིག་ཀྱང་ཡིན་ཏེ། གྲགས་ཅན་ལོ་ཙཱ་མ་Szegee Toh ཡིས་ཀྱང་ རྟག་པར་ཞལ་འདེབས་གནང་གི་ཡོད་དེ། དེ་ལ་ཁོང་མོས་འདི་འདྲ་ཞིག་གསུང་ཡོད་པ་ནི། "BDRC ཡི་དྲ་མཛོད་ནང་ བཞུགས་ཐུབ་ན་ནང་པའི་གསུང་རབ་ཀྱི་བང་མཛོད་རང་ཉིད་ཀྱི་ལག་སོར་དབར་བབས་པ་ཞིག་རང་ཡིན་ཏེ། BDRC ལ་རྒྱབ་སྐྱོར་བྱེད་པ་ནི་ནང་པའི་གསུང་རབ་ཁྱབ་སྤེལ་དང་དར་རྒྱས་གཏོང་བར་ལེགས་སྐྱེས་ཕུལ་བ་ཞིག་རེད།"

འོ་ན་ཇི་ལྟར་བྱས་ནས་བཞུགས་དགོས་སམ་ཞེས་ན།

 

ང་ཚོའི་དྲ་རྒྱའི་ནང་དུ་སྟབས་བདེའི་རིའུ་མིག་ཞིག་ཁ་སྐོང་གནང་རྗེས། ཡིད་རྟོན་དངུལ་འཛིན་ནམ་དངུལ་ཁང་འཛིན་

སྒྱུར་བརྒྱུད་དུས་གཏན་འཁེལ་བའི་ཞལ་འདེབས་ཐོ་འགོད་གནང་ཆོག

 

གཤམ་གསལ་གྱི་བྱང་སེམས་གསུམ་གྱིས་སྦྱིན་པ་མི་འདྲ་བ་གསུམ་གནང་བ་མཚོན་ཡོད་དེ། དེ་ཡང་ཁྱེད་ཀྱི་ཐུགས་འདོད་དང་

གང་འཚམས་པ་ཞིག་བདམས་ནས་བཞུགས་ཆོག་པ་ནི།

 

སྤྱན་རས་གཟིགས་ཀྱི་སྙིང་རྗེའི་འཁོར་ལོ། ཟླ་རེར་ཨ་སྒོར་༡༠ནས་༢༥བར། ཡང་ན་ལོ་རེར་ཨ་སྒོར་༢༥༠ཡན་གནང་རྒྱུ།

འཇམ་དཔལ་དབྱངས་ཀྱི་ཤེས་རབ་འཁོར་ལོ། ཟླ་རེར་ཨ་སྒོར་༥༠། ཡང་ན་ལོ་རེར་ཨ་སྒོར་༥༠༠ཡན་གནང་རྒྱུ།

ཕྱག་ན་རྡོ་རྗེའི་ནུས་པའི་འཁོར་ལོ། ཟླ་རེར་ཨ་སྒོར་༡༠༨། ཡང་ན་ལོ་རེར་ཨ་སྒོར་༡༠༠༨ཡན་གནང་རྒྱུའོ།།

 

དམ་ཆོས་སྐྱོང་བའི་འཕྲིན་ལས་ཀྱི་འཁོར་ལོ་འདིར་བཞུགས་ན་དོན་སྙིང་ཇི་འདྲ་ཞིག་ཡོད་དམ་ཞེས་ན།

 

ཁྱེད་ཀྱིས་BDRCཡི་ནང་བསྟན་གསུང་རབ་ཤོག་ལྡེབ་ཁྲི་༢༧༠༠ལས་འདས་པ་རིན་མེད་དུ་ཀློག་ཐུབ། ༢༠༢༢ལོ་གཅིག་ པུར་ཡང་རྒྱལ་ཁབ་མི་འདྲ་བ་༡༠༠ལས་འདས་པའི་བཀོལ་སྤྱོད་ཐོ་མིང་༩༤༠༠༠ཙམ་གྱིས་BDRCཡི་དྲ་ཐོག་དཔེ་མཛོད་དུ་བཞུགས་ཡོད།

 

ང་ཚོས་ད་ལྟ་ཙམ་མ་ཟད་མ་འོངས་མི་རབས་རྗེས་མའི་ཆེད་དུ་རིན་བྲལ་གཏེར་མཛོད་འདི་རིན་མེད་དུ་མཁོ་འདོན་ཞུ་བཞིན་ཡོད་དེ། དེ་ལྟར་སྒྲུབ་ཐུབ་པའི་རེ་བ་ཡོད་པ་ཡང་ཆོས་སྐྱོང་སྦྱིན་བདག་སོགས་མང་པོ་ཞིག་གིས་གསུང་རབ་ལ་བཤེར་འབེབ་ དང་། དཀར་ཆག་སྒྲིག་པ། གཞི་གྲངས་ཉར་ཚགས། ཆ་འཕྲིན་ལག་རྩལ་གསར་འདོན་སོགས་ཀྱི་འགྲོ་གྲོན་གཏོང་དང་གཏོང་ བཞིན་ཡོད་པའི་རྒྱུ་མཚན་གྱིས་སོ།།

 

ཟླ་རེར་BDRCལ་ཞལ་འདེབས་གནང་བ་བརྒྱུད།  ཁྱེད་ཀྱིས་བླ་མ་དགེ་བའི་བཤེས་གཉེན་ནམ། ཡང་ན་བཙུན་པ་ བཙུན་མ་སོགས་དགེ་འདུན་པ། ལོ་ཙཱ་བ་དང་དཔེ་སྐྲུན་མཁན། ཉམས་ཞིབ་པ་དང་དོན་གཉེར་མཁན། དེ་བཞིན་འཛམ་གླིང་ ས་ཕྱོགས་ཀུན་ན་གནས་པའི་BDRCཡི་ཡིག་ཆར་བསྟེན་དགོས་པའི་སྐྱེ་བོ་སྣ་ཚོགས་ལ་རོགས་རམ་དོན་སྙིང་དང་ལྡན་པ་ཞིག་གནང་ཐུབ་ངེས་ཡིན་ཏེ། ཁྱེད་ཀྱི་གཏོང་ཕོད་ཐུགས་བསྐྱེད་ལ་ཐུགས་རྗེ་ཆེ་ཞུ་ལ། འཛམ་བུའི་གླིང་འདིར་ངེད་ཚོའི་ གསུང་རབ་ཀྱི་དགེ་ཕན་ཐོན་སྲིད་ལ། མ་འོངས་པར་རང་གཞན་སྐྱེ་འགྲོ་ཀུན་གྱི་ཕྱི་རབས་རྣམས་ལའང་དགེ་ལེགས་འབྱུང ་ངེས་ཡིན་ནོ་ཞེས་ཀྱང་ཞུ་ཞུའོ།།