ང་ཚོའི་སྐོར།

ནང་བསྟན་དཔེ་ཚོགས་ལྟེ་གནས།

ནང་བསྟན་གསུང་རབ་རྣམས་རིས་མེད་དོན་གཉེར་ཅན་ཡོངས་ཀྱི་ལོངས་སྤྱོད་དུ་འབུལ་རྒྱུ།

ཞལ་འདེབས་འབུལ་ཡུལ།

བུདྡྷ་རྒྱབ་སྟེགས་ལ་བརྟེན་པའི་

ང་ཚོའི་དཔེ་མཛོད་སྔོགས།

མི་སྣ།

ངེད་ཚོགས་པའི་ལས་བྱེད་མི་སྣ་ཚང་མས་ཚོགས་པའི་དམིགས་ཡུལ་འགྲུབ་ཐབས་སུ་ཁ་ཞེ་གཉིས་མེད་དང་རང་ནུས་ཅི་ལྕོགས་ཀྱིས་ལས་འགན་སྒྲུབ་མུས་སུ་ཡོད།

ཚོགས་པའི་དམིགས་ཡུལ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི། ནང་བསྟན་གསུང་རབ་རྣམས་འཚོལ་བསྡུ་དང་། ཉར་སྲུང། སྒྲིག་སྦྱོར། ཁྱབ་སྤེལ་སོགས་བྱེད་མཁན་གྱི་ཁེ་མེད་ཚོགས་པ་ཞིག་ཡིན། དེ་བཞིན་ཤེས་ཡོན་པ་དང་། ལོ་ཙཱ་བ། ཞིབ་འཇུག་པ། ཉམས་ལེན་པ་སོགས། དོན་གཉེར་ཅན་ཡོངས་ལ་སྐད་རིགས་སྣ་ཚོགས་ནང་ཡོད་པའི་དཔེ་ཆ་རང་དགར་སྤྱོད་ཐུབ་པ་དང་། ཤེས་ཡོན་དང་འཕྲུལ་རིགས་ཟུང་འབྲེལ་བྱས་ཏེ་ད་སྔ་གནས་ཡོད་པའི་ནང་བསྟན་རིག་གནས་ཀྱི་དཔེ་ཆ་རྣམས་འབྱུང་འགྱུར་གྱི་མི་རབས་རྣམས་ཀྱིས་ཀྱང་ལོངས་སུ་སྤྱོད་ཐུབ་པའི་ལས་ལ་འབད་བཞིན་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལོ་རྒྱུས་མདོར་བསྡུས།

Gene Smith at Home - New Delhi 1982

1997

ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་འཛུགས་མཁན་སྐུ་ཞབས་རྗེན་སི་མེས་ཐིས་རྩིས་འཕྲུལ་རིག་པའི་ཐབས་ལམ་ལ་བརྟེན་ནས་སྔར་བྱུང་མ་མྱོང་བའི་ནང་བསྟན་གསུང་རབ་རྣམས་ཉར་ཚགས་དང་དར་སྤེལ་གཏོང་རྒྱུ་ཡོད་པར་ཤེས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ནས་ལས་ཡོལ་སྔ་ཞུས་བྱས་ནས། ཁོང་གི་མི་ཚེའི་ཐོག་མའི་དམིགས་ཡུལ་ཏེ་བོད་ཀྱི་རྩ་ཆེའི་དཔེ་ཆ་རྣམས་འཛམ་གླིང་ཡོངས་ཀྱིས་བཀོལ་ཐུབ་པའི་ལས་ལ་ཞུགས། { རྗེན་སི་མེས་ཐིའི་ལོ་རྒྱུས་ཀློག}(https://www.bdrc.io/%e0%bd%98%e0%bd%b2%e0%bc%8b%e0%bd%a6%e0%be%a3%e0%bc%8d/%e0%bd%a6%e0%be%90%e0%bd%b4%e0%bc%8b%e0%bd%9e%e0%bd%96%e0%bd%a6%e0%bc%8b%e0%bd%a0%e0%bd%87%e0%bd%b2%e0%bd%93%e0%bc%8b%e0%bd%a6%e0%bd%b2%e0%bc%8b%e0%bd%98%e0%bd%b2%e0%bc%8b%e0%bd%90%e0%bd%b2%e0%bc%8d/?lang=bo/)

TBRC Logo

1999

སྐུ་ཞབས་རྗེན་སི་མེས་ཐིས་ཨ་རིའི་མ་ས་ཆུས་སིར་ཡོད་པའི་རང་ཁྱིམ་དུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)གསར་དུ་བཙུགས་ཤིང་། ཁོང་སྒེར་གྱིས་འཚོལ་བསྡུ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཚོགས་གང་ཡོད་རྣམས་བཤེར་འབེབས་བྱས་ཏེ་བཤེར་པར་རྣམས་ཟེར་སྡེར་ནང་བླུགས་ནས་བཀྲམ་འགོ་བརྩམས།

Among Tibetan Texts Gene Smith's book

2001

Jeff Wallman BDRC Executive Director Emeritus

2009

སྐུ་ཞབས་རྗེན་སི་མེས་ཐིས་ཚོགས་པའི་འཕྲུལ་ལས་འགན་འཛིན་རྗེ་ཧྥི་ཝལ་མན་ང་ཚོའི་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་བསྐོས། {རྗེ་ཧྥི་ཝལ་མན་གྱི་ལོ་རྒྱུས་ཀློག}(https://www.bdrc.io/jeff-wallman/)

Digital Dharma Dafna Yachin's documentary

2012

Text at Fragile Palm Leaves Foundation

2015

ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གཞུང་ལུགས་ཉར་ཚགས་ཀྱི་ལས་གཞི་རྒྱ་བསྐྱེད་དེ། བོད་བརྒྱུད་ཙམ་མིན་པར་ནང་བསྟན་སྤྱི་དང་འབྲེལ་བའི་གསུང་རབ་རྣམས་ཀྱང་ཉར་ཚགས་ཀྱི་ལས་གཞིའི་ཁོངས་སུ་འཛིན་རྒྱུ་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་།

BDRC Logo

2016

BUDA Logo

2017

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་བུདྡྷ་རྒྱབ་སྟེགས་(BUDA)ཟེར་བའི་རྒྱལ་སྤྱིའི་ནང་བསྟན་དྲ་ཐོག་དཔེ་མཛོད་ཀྱི་རྒྱབ་སྟེགས་མཉེན་ཆས་ཤིག་བཟོ་བསྐྲུན་བྱེད་འགོ་བཙུགས་ཡོད།

Jann Ronis with monks

2018

སྐུ་ཞབས་འཇན་རོའོ་ནིས་ཀྱིས་རྗེ་ཧྥི་ཝལ་མན་གྱི་ཚབ་ལ་འཛིན་སྐྱོང་འགན་འཛིན་གྱི་འགན་བླངས།

Linked Data Presentation by Alexis Rossi (Internet Archive)

དེང་སྐབས།

ལོ་རྒྱུས།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི་༡༩༩༩ ལོར་སྐུ་ཞབས་རྗེན་སི་མེས་ཐིས་གསར་དུ་བཙུགས་ཤིང་། དེ་དུས་ཚོགས་པའི་མིང་ལ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཞེས་འབོད། ཚོགས་པ་གསར་དུ་བཙུགས་པ་ནས་བཟུང་ད་ལྟ་བར་དུ་ནང་བསྟན་དཔེ་ཆའི་ཤོག་ལྷེ་ས་ཡ་བཅུ་བདུན་ལྷག་ཙམ་ཨང་བསྒྱུར་དང་། སྒྲིག་སྦྱོར། ཉར་ཚགས་བྱས་ཡོད། ནང་བསྟན་དཔེ་ཆ་འདི་དག་ཉར་ཚགས་བརྟན་པོ་བྱས་ཏེ། འབྱུང་འགྱུར་གྱི་ལོ་མང་པོའི་རིང་རིན་མེད་དུ་ཅི་དགར་སྤྱོད་ཆོག་པ་ཞིག་བཟོས་ཡོད།

 

སྐུ་ཞབས་རྗེན་སི་མེས་ཐིའི་ཕུགས་རྒྱང་རིང་བའི་དགོངས་གཞི་ལྟར། ཉེན་གནས་སུ་ལྷུང་བའི་བོད་ཀྱི་ནང་བསྟན་དཔེ་ཆ་རྣམས་ཉར་ཚགས་བྱེད་ཐུབ་ཡོད་པ་དང་། ད་ལྟའི་ཆར་ངེད་ཚོགས་པའི་དྲ་ཐོག་དཔེ་མཛོད་ནི་འཛམ་གླིང་གང་སར་གནས་པའི་རིགས་གཅིག་རྐང་འཛིན་པ་དང་ནང་ཆོས་ཀྱི་དགེ་རྒན། བོད་ཀྱི་མཁས་པ། ལོ་ཙཱ་བ། དཔེ་སྐྲུན་པ། ་དོན་གཉེར་ཅན་བཅས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།

 

༢༠༡༥ ལོར་ང་ཚོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་། མཉམ་འབྲེལ་གནང་མཁན་གྱི་ནང་པའི་ཚོགས་སྡེ་དང་ལས་གྲོགས་འགའི་རེ་སྐུལ་ལྟར། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་གཞི་རྒྱ་བསྐྱེད་གཏོང་བའི་ཐག་གཅོད་བྱུང་སྟེ། སྐུ་ཞབས་རྗེན་སི་མེས་ཐི་ཡི་དགོངས་གཞི་ལྟར་བོད་ཀྱི་གསུང་རབ་ཉར་སྲུང་དང་དར་སྤེལ་གྱི་ལས་གཞི་རྒྱུན་འཁྱོང་ཐོག གནས་སྟངས་སྣ་ཚོགས་ཀྱི་རྐྱེན་པས་ཉམས་རྒུད་དུ་འགྲོ་བཞིན་པའི་ནང་པའི་གསུང་རབ་གཞན་རྣམས་ཀྱང་ཉེན་སྐྱོབ་ཉར་སྲུང་དང་འགྲེམས་སྤེལ་ཞུས་འགོ་བརྩམས།

༢༠༡༦ ལོར་ཚོགས་པའི་མིང་ཡང་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བསྒྱུར། ད་སྐབས་ངེད་ཚོགས་པས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་བརྟེན་ནས་དོན་ཆེན་དེ་བསྒྲུབས་དང་སྒྲུབ་མུས་སུ་མཆིས།