ཁྱེད་ཀྱི་ཞལ་འདེབས་ནི་

འཛམ་གླིང་ནང་བསྟན་རྩོམ་རིག་དང་འབྲེལ་བ་ཐོགས་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི། 501(c)(3) ཁེ་མེད་མཉམ་ལས་ཀྱི་ཚོགས་པ་ཞིག་ཡིན། ཨ་རིའི་ནང་ཞལ་འདེབས་ཚང་མ་དཔྱ་ཁྲལ་ཆག་ཡང་ཅན་ཡིན།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི་ཁེ་མེད་ཚོགས་པ་ཞིག་ཡིན་པའི་ཆ་ནས། ཁྱེད་རང་ལྟ་བུའི་ཚོགས་སྒེར་སོ་སོའི་རྒྱབ་སྐྱོར་དང་ཞལ་འདེབས་ཁོ་ནར་བརྟེན་ཡོད། དེའི་ཕྱིར་ཁྱེད་ཀྱི་གཏོང་ཕོད་ཀྱིས། དུས་དང་རྣམ་པ་ཀུན་ཏུ་རང་གཞན་ཚང་མའི་ཕན་བདེའི་སླད། ནང་བསྟན་གསུང་རབ་རྣམས་ཉར་སྲུང་དང་ཨང་བསྒྱུར་བྱས་ཏེ་རིས་མེད་དོན་གཉེར་ཅན་ཡོངས་ཀྱི་ལོངས་སྤྱོད་དུ་བསྐྲུན་པའི་ལས་གཞི་འདི་གསོན་ཐུབ་པ་དང་རྒྱུན་མཐུད་ཐུབ་པའི་ཁག་ཐེག་བྱེད་བཞིན་ཡོད། ཚོགས་པའི་ངོས་ནས་ཁྱེད་ཅག་གི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ།

 

 

ལོ་རེ་བཞིན་ཀློག་པ་པོ་སྟོང་ཕྲག་མང་པོས་ནང་བསྟན་གསུང་རབ་གཏེར་ཁ་ལེན་གྱི་ཡོད་པ་སྟེ། མཁས་པ་དང་། ལོ་ཙཱ་བ། ཉམས་ལེན་པ། མི་མང་དོ་སྣང་ཡོད་དོ་ཅོག་གིས་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་མ་བརྟེན་པ་ཞིག་ཧ་ལམ་མེད། དེ་བཞིན་གོ་ལ་ཧྲིལ་པོའི་དཔེ་སྐྲུན་ཁང་ཁག་གིས་་BDRC ནས་ཕབ་ལེན་བྱས་པ་གཞིར་བཟུང་ཐོག་གསུང་རབ་སོགས་གསར་དུ་དཔེ་སྐྲུན་བྱེད་ཀྱི་ཡོད། མ་ཟད་སྐད་ཡིག་གཞན་དུ་བཞུགས་པའི་ནང་བསྟན་གསུང་རབ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་ BDRC ཡི་དཔེ་མཛོད་ཁང་གིས་འཛམ་གླིང་སྟེང་གི་ས་ཆ་གང་སར་དགོས་མཁོ་ལྟར་ཞབས་འདེགས་ཞུ་བཞིན་ཡོད།

 

 

དྲ་ཐོག་དཔེ་མཛོད་ཀྱི་ནང་བསྟན་གསུང་རབ་དོན་གཉེར་ཅན་ཡོངས་ནས་ཐུགས་རྗེ་ཆེ་ཞུ།

ཞལ་འདེབས་འབུལ་སྟངས།

དངུལ་གཏོང་འཛིན་ཡིག་སྦྲགས་ཁང་བརྒྱུད་ནས་སྐུར།

Buddhist Digital Resource Center, 198 Tremont St. #421 Boston, MA, USA 02116

དངུལ་ཁང་བརྒྱུད་ནས་སྐུར།

དངུལ་ཁང་ནས་བརྒྱུད་བསྐུར་ལམ་སྟོན་དགོས་ན་ང་ཚོར་donations@bdrc.ioགློག་འཕྲིན་གཏོང་རོགས་གནང་།

དྲ་ཐོག་དཔེ་མཛོད་དར་ཞིང་རྒྱས་པར་མཐུན་འགྱུར་གནང་རོགས་གནང་།

ང་ཚོའི་བུདྡྷ་དྲ་ཐོག་ཏུ་ཁྱོན་གསུང་རབ་པོད་གྲངས་སྟོང་དྲུག་ཅུ་རེ་བཞི་ལྷག་དང་། ལྡེབ་གྲངས་ས་ཡ་ཉེར་བདུན་ཙམ་ཡོད་པ་རྣམས་ཚང་མས་རིན་མེད་ཐོག་ཕབ་ལེན་གནང་ཆོག ནང་བསྟན་དཔེ་ཚོགས་ལྟེ་གནས་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གྲངས་འཛིན་བོད་ཡིག་དཔེ་མཛོད་ཞིག་ཡིན།

༢༠༡༨ ལོར་ངེད་ཚོགས་པའི་དྲ་ཚིགས་སྔོག་བཤེར་མཁན་གྱི་ས་གནས་ས་བཀྲ།

༢༠༢༢ ལོར་དྲ་ཐོག་ཀློག་པ་པོ་དགུ་ཁྲི་བཞི་སྟོང་ཙམ་དང་། མཉམ་བཞུགས་བྱས་པ་འབུམ་གཉིས་ལྷག་བརྒལ་བ་རྒྱལ་ཁབ་ཁག་བརྒྱ་དང་ང་གཉིས་གནང་ཁྱབ་ཡོད།