ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ཡོ་རོབ་ནང་ལས་ཁང་བཙུགས།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་དྲ་ཐོག་དཔེ་མཛོད་ནང་དཔེ་ཆ་གསར་པ་དང་ཁྱད་ཆོས་གསར་པ་བསྣན་ཏེ། ལེགས་སྦྱར་དང་པཱ་ལི། རྒྱ་ཡིག་དང་བོད་ཡིག་ནང་བཞུགས་པའི་གསུང་རབ་དཔེ་ཚོགས་གསར་པ་རྣམས་འཚོལ་སྡུད་བྱེད་མུས་དང་། ད་དུང་སྐད་རིགས་གཞན་གྱི་ནང་བཞུགས་པའི་གལ་ཆེའི་ནང་བསྟན་ཕྱག་དཔེ་རྣམས་ཀྱང་འཚོལ་སྡུད་བྱ་རྒྱུ་ཡིན། བྱ་བཞག་འདི་དག་བསྒྲུབ་པར། ཉེ་བའི་ཆར་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་འཇར་མ་ནིའི་གྲོང་ཁྱེར་(Munich) མོས་ནི་ཁི་རུ་ལས་ཁང་གསར་པ་ཞིག་བཙུགས་ཡོད། དེ་ནི་ངེད་ཚོགས་པའི་ཡོ་རོབ་གླིང་གི་བྱེད་སྒོ་ཁག་དང་མཉམ་འབྲེལ་ལས་གཞི་ཁག་བསྒྲུབ་སའི་ལྟེ་གནས་སུ་འགྱུར་རྒྱུ་ཡིན།

ཧྥི་རན་སི་ནས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཞིབ་འཇུག་ཆེད་ལས་པ་སྐུ་ཞབས་ཁར་ལེས་སི་ཊི་སཡེས་མོན་(Charles DiSimone) དང་། ཨེ་ལེ་རོག་སི་གཉིས་ཀྱིས་འགན་འཁུར་ཏེ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཐབས་རྩལ་ཐད་ཀྱི་ལས་ཀ་བྱེད་བཞིན་པ་དང་། ལས་ཁང་འདིས་གླིང་ཆེན་དེའི་ནང་གི་ང་ཚོའི་མཉམ་འབྲེལ་ལས་གྲོགས་དབྱིན་ཇིའི་དཔེ་མཛོད་ཁང་དང་། ཁམ་བྷི་ར་རྗེའི་གཙུག་ལག་སློབ་གྲྭ་ཆེན་མོ། ཧམ་བྷར་གྷིའི་གཙུག་ལག་སློབ་གྲྭ་ཆེན་མོ། དེ་བཞིན་ཨུ་རུ་སུ་(ར་ཞི་ཡ།)འི་ཚན་རིག་ཞིབ་འཇུག་ཆེད་ལས་ཁང་གི་ཤར་ཕྱོགས་བྲིས་མའི་སློབ་གླིང་སོགས་དང་ལྷན་དུ་ཞིབ་འཇུག་དང་ཉར་སྲུང་ལས་གཞིའི་འགན་ཡང་འཁུར་རྒྱུ་ཡིན།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ཡོ་རོབ་ནང་ལས་ཁང་བཙུགས།

ང་ཚོའི་སྐོར་ཀྱི་གནས་ཚུལ་གསར་ཤོས་ཁག་ལ་གཟིགས།

No Comments

Sorry, the comment form is closed at this time.